རྫོང་ཁའི་རྩ་གཞུང་མ་འདྲཝ་ཁག་གསུམ་གྱི་ཐྫོག་ལས་ སྫོབ་རིམ་ ༡༢ པ་མཐར་འཁྱོལ་ཚར་མི་སྫོབ་ཕྲུག་ཚུའི་བར་ན་ རྫོང་ཁའི་ཡིག་སྡེབ་ འཛྫོལ་བའི་ཁྱད་པར་ལུ་དཔྱད་པ།
Abstract
འབྲུག་པའི་སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་དཀའ་ངལ་ཡོད་པའི་ལོ་རྒྱུས་ རླུང་བཟུམ་སྦེ་དར་ཁྱབ་སོང་སྟེ་ཡོད་མི་དེ་ལུ་ ཡིག་སྡེབ་འཛོལ་བའི་བཀོད་རིས་དབྱེ་དཔྱད་འབད་ནིའི་དོན་ལས་ དོན་ཚན་ རྫོང་ཁའི་རྩ་གཞུང་མ་འདྲཝ་ཁག་གསུམ་གྱི་ཐོག་ལས་ སློབ་རིམ་ ༡༢ པ་མཐར་འཁྱོལ་ཚར་བའི་སློབ་ཕྲུག་ཚུའི་བར་ན་ རྫོང་ཁའི་ཡིག་སྡེབ་འཛོལ་བའི་ཁྱད་པར་ལུ་དཔྱད་པ་ ཟེར་བའི་དོན་ཚན་གྱི་ཐོག་ལུ་ ཞིབ་འཚོལ་ཐབས་ལམ་ཁུངས་བཙན་དང་ མཁོ་ཆས་འདི་ ཡིག་ཆ་དབྱེ་དཔྱད་ལག་ལེན་འཐབ་ཅི། དཔེ་ཚད་སྦེ་ རྫོང་ཁག་ ༡༢ ཀྱི་སློབ་གྲྭ་ཁག་ ༡༧ ལས་མཐར་འཁྱོལ་མི་སློབ་ཕྲུག་ ཕོ་ ༣༠ དང་ མོ་ ༣༠ ཡོངས་བསྡོམས་ སློབ་ཕྲུག་ ༦༠ གདམ་འཐུ་རྐྱབ་ཅི། ཞིབ་འཚོལ་གྱི་དམིགས་གཏད་ སློབ་གྲྭའི་རྩ་གཞུང་མ་འདྲཝ་ཁག་གསུམ་ལས་ སློབ་རིམ་ ༡༢ པ་ མཐར་འཁྱོལ་མི་སློབ་ཚུའི་བར་ན་ ཡིག་སྡེབ་འཛོལ་ཐངས་ཀྱི་བཀོད་རིས་Pattren of Spelling error དང་ ཡིག་སྡེབ་ཀྱི་ལྕོགས་གྲུབ་ཚུ་ ཞིབ་འཚོལ་འདིའི་་གྲུབ་འབྲས་དང་འཁྲིལ་བ་ཅིན་ སློབ་ཕྲུག་ཁག་གསུམ་ཆ་ར་ལུ་ ཡིག་སྡེབ་འཛོལ་བའི་བཀོད་རིས་མ་འདྲཝ་བཞི་རེ་ཡོདཔ་སྦེ་ གསལ་འཐོན་བྱུང་ཡི། ཡིག་སྡེབ་ཀྱི་ལྕོགས་གྲུབ་ཨིན་པ་ཅིན་ སྤྱིར་བཏང་རྫོང་ཁའི་སློབ་དེབ་རྐྱང་གཅིག་ལྷབ་མི་ཚུ་ལས་ རིག་གཞུང་དང་ཁྱད་རིག་རྩ་གཞུང་ལྷབ་མི་གཉིས་དྲགཔ་སྦེ་ཐོན་ཡི། ཕོ་མོ་བར་གྱི་ལྕོགས་གྲུབ་ལུ་ ཁྱད་པར་ག་དེ་སྦེ་འདུག་ག་ལྟ་བའི་སྐབས་ ཨ་ཙི་ཕོ་ལས་མོ་དྲགཔ་སྦེ་གསལ་འཐོན་བྱུང་སྟེ་ཡོདཔ་ཨིན།
གཙོ་ཚིག། རྩ་གཞུང་། གྲུབ་འབྲས། རྫོང་ཁའི་ཡིག་སྡེབ། འཛོལ་བའི་བཀོད་རིས།