འབྲུག་རྒྱལ་ཁབ་ནང་ སྙན་ཆ་ སྒྲ་སྙན་ཤེས་ཡོན་གྱི་སྲོལ་རྒྱུན་ཞིབ་འཇུག།
Keywords:
འབྲུག་པའི་སྒྲ་སྙན། སྒྲ་སྙན་བསྐྲོག་ཐངས། སྒྲ་སྒྲིགས་ཐངས། སྒྲ་སྙན་འབྱུང་ཁུངས།Abstract
འབྲུག་རྒྱལ་ཁབ་ནང་ རང་ལུགས་ཀྱི་སྙན་ཆ་མ་འདྲཝ་ སྒྲ་སྙན། པྱི་ཝང་། གླིངམ། དབྱངས་ཅན་ལ་སོགས་པ་ཡོད་པའི་ནང་ལས་ ཡོངས་གྲགས་ཅན་གྱི་སྙན་ཆ་ སྒྲ་སྙན་ཤེས་ཡོན་གྱི་སྐོར་ལས་ ཞིབ་འཚོལ་གྱི་ཐོག་ལས་ ཡིག་ཐོག་ལུ་བཀོད་དེ་མིན་འདུག།
འདི་འབདཝ་ལས་ སྒྲ་སྙན་བཟོ་ཐངས་དང་ ལག་ལེན་འཐབ་ཐངས། སྒྲ་སྙན་གྱི་གོ་དོན་དང་མིང་གི་རྣམ་གྲངས། འབྱུང་ཁུངས་
དང་དགོས་པ། རྒྱུ་ཆས་དང་བརྡ་དོན་རྟགས་གསུམ། དམིགས་གསལ་གྱི་ སྒྲ་སྙན་ལྷབ་སྟོན་འབད་ཐངས་ཀྱི་གོ་རིམ་ཚུ་ ཁ་
གསལ་སྦེ་ཤེས་ཚུགས་ནིའི་དོན་ལུ་ འབྲུག་རྒྱལ་ཁབ་ནང་སྙན་ཆ་ སྒྲ་སྙན་གྱི་ཤེས་ཡོན་དར་ཁྱབ་ག་དེ་འབད་ཡོད་ག་བརྟག་དཔྱད་ ཟེར་བའི་དོན་ཚན་གྱི་ཐོག་ལུ་ འབྲུག་རྒྱལ་ཁབ་ནང་ སྒྲ་སྙན་གྱི་མཁས་མཆོག་དང་ སྙན་ཆ་དང་འབྲེལ་བའི་ཞིབ་འཚོལ་ནང་
ཉམས་མྱོང་ཡོད་མི། སྙན་ཆའི་སློབ་དཔོན་དང་སྙན་ཆ་བཟོ་མི་བཅས་ དབྱེ་ཁག་མ་འདྲཝ་བཞི་ལས་ མོ་མེད་པའི་ ཕོ་ མི་གྲངས་
༩ ལས་ ཞིབ་འཚོལ་གྱི་ཐབས་ལམ་ ཁུངས་བཙན་ཐབས་ཤེས་ཀྱི་ནང་ལས་ གནད་དོན་ཞིབ་འཇུག་གི་ཐོག་ལས་ དམིགས་
གཏད་ཀྱི་དྲི་བ་དྲིས་ལན་དང་། ཡིག་ཆ་དབྱེ་དཔྱད། ལྟ་རྟོག་གསུམ་མཁོ་ཆས་སྦེ་ ལག་ལེན་འཐབ་སྟེ་ ཞིབ་འཚོལ་འབད་ཡི།
དེའི་སྐབས་ལུ་ འབྱུང་རབ་དང་ལག་ལེན། བཟོ་ཐངས་དང་བཟོ་བཀོད། སྐྲོག་ཐངས་ཀྱི་ཐབས་ཤེས་དང་རིག་རྩལ་ཁྱད་ཆོས་ བཅས་ དབྱེ་ཁག་གསུམ་སྦེ་ཐོན་ཏེ་ཡོད་མི་ཚུ་ བཤམ་གསལ་གྲུབ་འབྲས་གསལ་སྟོན་ནང་འཁོད་དེ་ཡོདཔ་ཨིན།
