སློབ་རིམ་ ༤ པ་ལས་ ༦ ཚུན་ཡིག་སྡེབ་དག་མ་ཚུགས་པའི་དཀའ་ངལ་གྱི་ རྒྱུ་རྐྱེན་ལུ་འཚོལ་ཞིབ།
DOI:
https://doi.org/10.17102/rabsel.25.07.0350039Keywords:
ཡིག་སྡེབ་ འབྲི་ཐངས་མ་འདྲཝ་ ཚོར་སྣང་ དཀའ་ངལ་ གཞི་འགྱམ་ སྐད་ཡིག་ སློབ་ཕྲུག་ རྫོང་ཁའི་ཡི་གུ་Abstract
སློབ་རིམ་༡༢པ་མཇུག་བསྡུ་སྟེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ཤེས་ཡོན་སྦྱང་པར་ལྷོད་མི་ སློབ་སྦྱོང་པ་ཚུ་གིས་ རྫོང་ཁའི་ཡི་གུ་ཐུང་ཀུ་ཅིག་བྲི་ནིའི་ནང་ཡང་ སྡེབ་དང་སྦྱོར་བ་ཚང་མ་ཚུགས་པའི་དཀའ་ངལ་ཡོདཔ་མཐོང་ཅི། གནད་དོན་དེ་ལུ་བལྟ་བ་ཅིན ་ངེས་པར་དུ་གཞི་རིམ་ཆུང་བའི་ནང་ལས་རང་ སྡེབ་སྦྱོར་ལྷབ་ཐངས་ལུ་དཀའ་ངལ་ཅིག་ངེས་པར་དུ་ཡོདཔ་བཟུམ་སྦེ་ཚོར་ཡི། ཨིན་རུང་ད་ཚུན་གྱི་བར་ན་ ཞིབ་འཚོལ་འབད་མི་ཚུ་གིས་ ཡི་གུའི་སྡེབ་དང་སྦྱོར་བ་དཀའ་ངལ་ཡོད་མེད་བལྟ་བལྟཝ་ཙམ་མ་གཏོགས་ དཀའ་ངལ་དེ་ཚུ་རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཏེ་བྱུང་འབྱུངམ་ཨིན་ན་ རྒྱུ་རྐྱེན་ལུ་དམིགས་ཏེ་ཞིབ་འཚོལ་འབད་འབདཝ་མིན་འདུག། དེ་འབདཝ་ལས་ ཞིབ་འཚོལ་པ་ང་བཅས་གཉིས་ཀྱིས་ སློབ་རིམ་ ༤-༦ པའི་ནང་ལུ་ རྫོང་ཁའི་ཡིག་སྡེབ་དག་མ་ཚུགས་པའི་རྒྱུ་རྐྱེན་བརྟག་ཞིབ་ ཟེར་བའི་དོན་ཚན་ཐོག་ལུ་ཞིབ་འཚོལ་འབད་ཡི།
ཞིབ་འཚོལ་འདི་གནད་དོན་གཏིང་ཟབ་ཀྱི་ཐོག་ལས་རྒྱུ་རྐྱེན་འཚོལ་ཞིབ་འབད་དགོཔ་ལས་ ཁུངས་བཙན་གྱི་ཐབས་ཤེས་ལག་ལེན་འཐབ་ཏེ་ ལུང་ཕྱོགས་ཁག་བཞི་གི་སློབ་གྲྭའི་སློབ་རིམ་ ༤-༦པའི་ཕོ་མོ་ག་ཐོབ་ཀྱི་དཔེ་ཚད་ཐོག་ལས་ སློབ་ཕྲུག་ཡོངས་སྡོམ་ ༤༨དང་ སློབ་སྟོན་པ་ ༡༨ལས་ སྒྲིག་བཀོད་ཆ་མ་ཚང་བའི་དྲི་ལན་འགོ་འདྲེན་འཐབ་ཅི།
གནས་སྡུད་དབྱེ་དཔྱད་ཀྱི་གྲུབ་འབྲས་ལྟར་དུ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་སྡེབ་དགཔ་འབད་བྲི་མ་ཚུགས་པའི་རྒྱུ་རྐྱེན་གཙོ་བོ་ཚུ་ཡང་ སློབ་ཕྲུག་ཚུ་ལུ་དུས་གསུམ་གྱི་ཚིག་གྲོགས་ངོས་འཛིན་དང་དེ་དང་འཁྲིལ་བའི་བྱ་ཚིག་གི་ཁྱད་པར་ཕྱེས་ཏེ་འབྲི་ཐངས་ཚུ་མ་སྟོན་མི། རྫོང་ཁའི་ནང་གཡུས་ཀྱི་ངག་གཤིས་ཞུགས་ཏེ་རྫོང་ཁའི་རྗོད་སྒྲ་དགཔ་འབད་འཐོན་མ་ཚུགསཔ་ལུ་བརྟེན་ཏེ་ ཡིག་སྡེབ་འཛོལ་བ་འབྱུང་དོ་ཡོད་མི། བྱ་ཚིག་/མིང་ཚིག་གཅིག་ལུ་ ཡིག་སྡེབ་འབྲི་ཐངས་མ་འདྲཝ་ལེ་ཤ་ར་བྲིས་ཏེ་ཡོདཔ་ལས་ ལག་ལེན་འཐབ་མི་ཚུ་མགུ་འཐོམ་འབྱུང་དོ་ཡོད་མི། སྒྲིག་འབད་ལྷབ་དགོ་པའི་ཡིག་སྡེབ་ཀྱི་རིགས་ཚུ་ ངོས་འཛིན་ཙམ་ཅིག་ལུ་གཙོ་བོ་བཏོན་ཏེ་བཞག་དོ་ཡོད་མི་ཚུ་ཨིནམ་འབད་འཐོནམ་ཨིན་པས།
