ནང་པའི་ཤེས་ཡོན་གཙུག་སྡེ་ཚུ་ནང་གཞུང་དང་རིག་གནས་སློབ་སྟོན་འབད་བའི་སྐབས་ལག་ལེན་འཐབ་པའི་སློབ་སྟོན་ཐབས་ལམ་འཚོལ་ཞིབ།
DOI:
https://doi.org/10.17102/rabsel.25.07.067895Keywords:
གཞུང་ཆོས་ཚན། རིག་གནས་ཆོས་ཚན། སློབ་སྟོན་ཐབས་ལམ། བཤད་གྲྭ། དགོན་འཛིན་སློབ་གྲྭ།Abstract
༉ རྩོམ་ཤོག་འདི་ནང་འབྲུག་གི་བཤད་གྲྭ་དང་། དགོན་འཛིན་སློབ་གྲྭ་ཚུ་ནང་གཞུང་དང་རིག་གནས་ཀྱི་ཆོས་ཚན་སློབ་སྟོན་འབད་བའི་སྐབས་ལག་ལེན་འཐབ་པའི་སློབ་སྟོན་ཐབས་ལམ་སྐོར་གྲོས་བསྡུར་འབད་དེ་ཡོད། ཤེས་རིག་སློབ་གྲྭ་ཚུ་ནང་ཡོངས་གྲགས་སྦེ་ལག་ལེན་འཐབ་ནི་མེད་པའི་སློབ་སྟོན་ཐབས་ལམ་ལེ་ཤ་ཅིག་བཤད་གྲྭ་དང་དགོན་འཛིན་སློབ་གྲྭ་ཚུ་ནང་ལག་ལེན་འཐབ་ནི་ཡོདཔ་ལས། དེ་ཚུ་ཤེས་རིག་སློབ་གྲྭ་ཚུ་ནང་རྫོང་ཁ་སྐད་ཡིག་དང་རིག་གཞུང་ཆོས་ཚན་སློབ་སྟོན་འབད་བའི་སྐབས་ལག་ལེན་འཐབ་ནིའི་འོས་འབབ་ག་ཅི་ར་འདུག་ག་བརྟག་ཞིབ་འབད་ཐབས་ལུ་ཞིབ་འཚོལ་འབད་ཡོདཔ་ཨིན། ཁུངས་བཙན་ཐབས་ལམ་གྱི་མཁོ་ཆས་དྲི་བ་དྲིས་ལན་ལག་ལེན་འཐབ་སྟེ་རྒྱུ་ཁུངས་སོ་སོ་ལས་གནས་སྡུད་བསྡུ་ལེན་འབད་བའི་སྐབས་ཆེས་མཐོ་བཤད་གྲྭ་ཚུ་ནང་གཞུང་གི་ཆོས་ཚན་ལུ་གཙོ་རིམ་གཟུང་སྟེ་ལྷབ་སྦྱང་འབདཝ་ལས། ཁྱབ་ཆེ་ཤོས་ཅིག་སློབ་དཔོན་གཙོར་བཏོན་གྱི་ཐབས་ལམ་འདི་ལག་ལེན་འཐབ་ཨིན་མས། དགོན་འཛིན་སློབ་གྲྭ་ཚུ་ནང་གཙོ་བོ་རིག་གནས་དང་། དཀྱིལ་ཆོག་གི་ཆོས་ཚན་ཚུ་ལྷབ་སྦྱང་འབདཝ་ལས། སློབ་སྟོན་ཐབས་ལམ་རྩ་ཚིག་བློར་གཟུང་ནི། དཔེར་བརྗོད་གསར་རྩོམ་འབད་ནི། རྩ་བ་རྒྱུགས་ཕུལ་ནི། ལག་ལེན་སྦྱང་བ་ཚུ་མངམ་འབདཝ་ལས། སློབ་ཕྲུག་གཙོ་བཏོན་གྱི་ཐབས་ལམ་ལག་ལེན་འཐབ་ཨིན་མས། ཤེས་རིག་སློབ་གྲྭ་ཚུ་ནང་རྫོང་ཁ་བརྡ་གཞུང་དང་། རིག་གཞུང་གི་ཆོས་ཚན་སློབ་སྟོན་འབད་བའི་སྐབས་ཕྱི་པའི་སློབ་སྟོན་ཐབས་ལམ་དང་། ནང་པའི་ཐབས་ལམ་གཉིས་ཆ་ར་ཆོས་ཚན་གྱི་རང་བཞིན་དང་འཁྲིལ་ཟུང་འབྲེལ་སྦེ་ལག་ལེན་འཐབ་པ་ཅིན་ཤེས་ཡོན་གྲུབ་འབྲས་དང་། ལྷབ་སྦྱང་ལས་རིམ་ཡར་རྒྱས་གཏང་ནི་ལུ་ཁེ་ཕན་འབྱུང་ནིའི་འོས་འབབ་ཡོད་པའི་སྐོར་གྲོས་བསྡུར་འབད་དེ་ཡོད།
