གཙུག་ལག་གཞི་རིམ་གཞི་འཛུགས་རྫོང་ཁའི་སློབ་ཕྲུག་ཚུ་ལུ་ མགྱོགས་ཡིག་འབྲི་ཐངས་ ཡར་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་དང་ ལག་ལེན།

Authors

  • Samten Tharchen RUB

DOI:

https://doi.org/10.17102/jear.25.07.13589

Keywords:

མགྱོགས་ཡིག། འབྲུག་ཡིག། ཡིག་བཟོ། བཀལ་ཐངས། སྟོན་ཐངས།

Abstract

རྫོང་ཁ་གཙུག་ལག་གཞི་རིམ་གཞི་འཛུགས་ཤེས་ཡོན་གྱི་སློབ་ཕྲུག་ཚུ་ལུ་ མགྱོགས་ཡིག་འབྲི་ཐངས་ ཡར་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཟེར་བའི་དོན་ཚན་གྱི་ཐོག་ལུ་ ལག་ལེན་ཞིབ་འཚོལ་དགོ་མི་དེ་ཡང་ སློབ་གྲྭ་ཁག་ལས་ སློབ་རིམ་ ༡༢ པ་ཚང་སྟེ་ ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ རྫོང་ཁ་གཙུག་ལག་གཞི་རིམ་གཞི་འཛུགས་ཤེས་ཡོན་ནང་ལུ་ བཅའ་མར་གཏོགས་མི་སློབ་ཕྲུག་ཚུ་གིས་ རྫོང་ཁའི་མགྱོགས་ཡིག་འདི་ བཀལ་ཐངས་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ འབྲི་མ་ཚུགསཔ་ལས་བརྟེན་ སྦྱོང་བརྡར་རྫོགས་ཏེ་ སློབ་གྲྭ་ཁག་ལུ་སློབ་དཔོན་སྦེ་འགྱོ་བའི་སྐབས་ མགྱོགས་ཡིག་གི་ཡིག་བཟོ་ སྟོན་མ་ཚུགས་པའི་དཀའ་འབྱུང་ནི་ཨིན་མས། དེར་མ་ཚད་ ང་གིས་ཧེ་མར་སློབ་སྟོན་འབདཝ་ད་ སློབ་ཕྲུག་ཚུ་གི་ཡིག་བཟོ་ལུ་ ལེགས་འགྱུར་སྦོམ་ཅིག་འཐོན་མ་ཚུགས་པའི་དཀའ་ངལ་དེ་ སེལ་ཐབས་ལུ་ལག་ལེན་ཞིབ་འཚོལ་འདི་འགོ་འདྲེན་འཐབ་ཅི། བཅའ་མར་གཏོགས་མི་ གཞི་འཛུགས་སློབ་དཔོན་གྱི་སྦྱོང་བརྡར་འབད་མི་ སློབ་ཕྲུག་ ༧༠ ལུ་ མཁས་པ་ཚུ་གིས་ རྩོམ་བྲིས་ཚུ་ནང་བཤད་དེ་ཡོད་པའི་ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ ལག་ལེན་ཞིབ་འཚོལ་དེ་འབད་ཚར་བའི་ཤུལ་ལུ་ སློབ་ཕྲུག་ཚུ་གི་མགྱོགས་ཡིག་གི་ཡིག་བཟོ་ལུ་ ལེགས་འགྱུར་སྦོམ་སྦེ་བྱུང་སྟེ་ཡོད་པའི་ཁར་ སློབ་སྟོན་པ་རང་ལུ་ཡང་ ཡིག་བཟོ་སྟོན་ཐངས་ལུ་ ཧེ་མ་ལས་ལྷག་པའི་ལྕོགས་གྲུབ་ཐོབ་ཅི།

Downloads

Published

2025-11-09

Issue

Section

Articles