སློབ་ཕྲུག་ཚུའི་རྒྱུད་ལུ་རྫོང༌ཁ་ལྷག་ནིའི་གོམས་གཤིས་ཚུད་ཐབས་ལུ་ སློབ་གྲྭ་ནང་ལུ་ལྷག་ནིའི་ ལས་རིམ་གྱི་ཁེ་ཕན་བརྟག་ཞིབ།

Authors

  • Khandu

Abstract

སྤྱིར་བཏང་འབྲུག་པའི་མི་ཚུ་ལུ་ གོམས་གཤིས་གཞན་ཚུ་ཚུད་ཚུགས་པ་འཇམ་རུང་ ལྷག་ནིའི་ལང་ཤོར་ཚུད་ཚུགས་པ་ལཱ་ཁག་ཡོདཔ་ཨིན། དེ་ཡང་རྒྱལ་ཡོངས་ལྷག་ནིའི་ལས་རིམ་ནང་ལས་འབད་བ་ཅིན་ ལྷག༌ནིའི༌གོམས༌འདྲིས༌འདི༌སྤྱིར༌བཏང༌ འབྲུག༌མི༌ཚུ་ལུ༌སྐྱོ་སུ་ཅིག་སྦེ་ར་ལུས་ཡོདཔ་ཨིན་ཟེར་བཀོད་དེ་འདུག། སློབ་དཔོན་རང་གིས་སློབ་སྟོན་གྱི་ ཉམས་མྱོང་དང་འཁྲིལཝ་ད་ད་རེས་ནངས་པའི་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷག་ནི་ལུ་སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ རྫོང་ཁ་འབྲི་སླབ་འབད་བའི་སྐབས་རྫོང་ཁའི་མིང་ཚིག་ཚུ་ ལག་ལེན་འཐབ་སྟེ་སྒྲ་དག་སྤུས་དག་སྦེ་ འབྲི་སླབ་འབད་ནི་ལུ་ གདོང་ལེན་བྱུང་མས།མི་དབང་མངའ་བདག་རིན་པོ་ཆེ་གི་ ཐུགས་ཀྱི་དགོངས་པ་ཡང་འབྲུག་གི་ ན་གཞོན་སློབ་ཕྲུག་རེ་རེའི་རྒྱུད་ལུ་ལྷག་ནིའི་རིག་རྩལ་གཞི་བཙུགས་འབད་དགོཔ་སྦེ་ ཡང་ལས་ཡང་གསུངས་དོ་ཡོདཔ་ཨིན། དེ་འབདཝ་ལས་ངེ་གི་དོན་ཚན་ཡང་འབྲུག་པའི་སློབ་ཕྲུག་ཚུ་ རྫོང་ཁ་ལྷག་ནིའི་གོམས་འདྲིས་སྐྱོ་དྲགས་ཡོདཔ་ལས་ ལྷབ་སྟོན་གྲུབ་འབྲས་ལུ་གནོད་པ་བྱུང་དོ་ཡོདཔ་ལས་ བརྟག་ཞིབ་འབད་དེ་ ལྷག་ནིའི་གོམས་གཤིས་ཡར་རྒྱས་གཏང་ཐབས་ལུ་དམིགས་ཏེ་ ཁུངས་བཙན་ཐབས་ལམ་ཐོག་ཞིབ་འཚོལ་འབད་ཡོདཔ་ཨིན། ངེ་གི་ཞིབ་འཚོལ་ནང་ལུ་ རང་གི་སློབ་གྲྭ་ནང་ལས་ སློབ་དཔོན་ལྔ་དང་ སློབ་རིམ་དྲུག་པའི་སློབ་ཕྲུག་ བུ་ལྔ་དང་བུམོ་ལྔ་རེ་སྦེ་ བསྡོམས་སློབ་ཕྲུག་བཅུ་ཐམ་ལས་ སློ་གྲྭ་ནང་ལུ་ ལྷག་ནིའི་ལས་རིམ་ཚུ་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ལྷག་ནིའི་གོམ་བཤིས་ཚུད་ཐབས་ལུ་ ཁེ་ཕན་ཚུ་ག་དེ་སྦེ་རང་འབྱུངམ་ཨིན་ན་ གནད་བསྡུད་ཚུ་བསྡུ་ལེན་འབད་དེ་ བཀོད་ཡོདཔ་ཨིན།

 

Downloads

Published

2023-10-25