སློབ་རིམ་ལྔ་པའི་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷག་ནིའི་རིག་རྩལ་ཡར་རྒྱས་གཏང་ཐབས།

Authors

  • Geyley Tshering MoESD
  • Tshering Dorji MoESD

DOI:

https://doi.org/10.17102/jear.26.11.090104

Keywords:

ལྷག་ནིའི་རིག་རྩལ། བར་འཛུལ་སློབ་སྟོན། རྒྱལ་ཡོངས་སྐད་ཡིག། རྫོང་ཁ། སྦྱོར་ཀློག། ཚིག་སྡུད།

Abstract

ཁ་སྐད་རྫོང་ཁ་འདི་ འབྲུག་རྒྱལ་ཁབ་ཀྱི་སྐད་ཡིག་ཅིག་ཨིན་པའི་ཁར་ རྒྱལ་ཡོངས་ཀྱི་ངོ་རྟགས་གཙོ་བོ་ཅིག་ཡང་ཨིན།  ད་རེས་ནངས་པ་དུས་ཀྱི་འགྱུར་བ་དང་འཁྲིལ་ རང་གི་ཁ་སྐད་ཡང་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་དགོཔ་འདི་ཁག་ཆེ།  ཁ་སྐད་མི་ཉམས་རྒྱུན་སྐྱོང་གི་དོན་ལུ་ སློབ་གྲྭ་ཁག་ཚུ་ནང་ཡོད་པའི་ ན་གཞོན་ཚུ་ལུ་ ཉན་ནི། སླབ་ནི། ལྷག་ནི། བྲི་ནི། ལ་སོགས་པའི་རིག་རྩལ་བཞི་ལུ་ ལྷབ་སྦྱང་འབད་བཅུག་དགོཔ་ཨིན། རིག་རྩལ་བཞི་ལས་ ལྷག་ནིའི་རིག་རྩལ་ལུ་གོམས་སྦྱང་ཚུད་བཅུག་ནིའི་དོན་ལུ་ ཐབས་ལམ་ཚུ་ལག་ལེན་འཐབ་སྟེ་ རྫོང་ཁ་ལྷག་ནིའི་རིག་རྩལ་གྱི་ཐོག་ལས་ སློབ་གྲྭ་ནང་ཞིབ་འཚོལ་ཅིག་འབད་ཡི།  ཞིབ་འཚོལ་འདི་ནང་སློབ་རིམ་ལྔ་པ་(ང) སྡེའི་སློབ་ཕྲུག་ ༣༡ ལུ་ ཁུངས་བཙན་ཐབས་ལམ་དང་ དཔེ་སྟོན་ལྷག་སྦྱང་ཐབས་ཤེས་༢ལག་ལེན་འཐབ་ཅི། དེ་བསྒང་ མཁོ་ཆས་ཡང་ དམིགས་གཏད་ཀྱི་དཔེ་ཚད་དང་ སྒྲིག་བཀོད་ཆ་ཚང་བ། དེ་ལས་ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ཏེ་ སྔོན་འགྲོའི་བརྟག་ཞིབ་དང་ཤུལ་མའི་བརྟག་ཞིབ་༢ ཀྱི་ཐོག་ལས་གྲུབ་འབྲས་ཚུ་ཡང་ རྗོད་དོན་འགྲེལ་བཤད་ཀྱི་ཐོག་ལས་ གསལ་སྟོན་འབད་ཡི།  ཞིབ་འཚོལ་གྱི་གྲུབ་འབྲས་དང་འཁྲིལཝ་ད་ བར་འཛུལ་མེད་པའི་སློབ་སྟོན་གྱི་གནད་སྡུད་ནང་ལུ་ ལྷག་ཤེས་མི་གི་གྲུབ་འབྲས་བརྒྱ་ཆ་ ༦.༤༥ ལས་མེད་རུང་ བར་འཛུལ་འབད་བའི་སློབ་སྟོན་གྱི་གནད་སྡུད་ནང་ལུ་ ལྷག་ཤེས་མི་གི་གྲུབ་འབྲས་འདི་བརྒྱ་ཆ་ ༩༦.༧༧ ཐོན་ཡི།  གྲུབ་འབྲས་དེ་བཟུམ་ཐོན་མིའི་རྒྱུ་རྐྱེན་ཡང་ བར་འཛུལ་སློབ་སྟོན་འབད་བའི་གྲུབ་འབྲས་ཨིནམ་ལས་ སློབ་སྟོན་མ་འབད་བའི་གྲུབ་འབྲས་ལས་ མཐོ་ཤོས་ཅིག་སྦེ་ ཐོན་ཡོདཔ་དང་ དེ་ཡང་ དབྱེ་དཔྱད་ལམ་ལུགས་ཀྱི་ སྐུགས་ཀྱི་གནས་ཚད་ (z = 5.17, p < 0.001) བྱུང་ཡོད་མི་འདི་ཁྱད་པར་འཕགས་པའི་ མངོན་གསལ་ཅན་ཅིག་ཨིན། 

Downloads

Published

2026-11-03